སྟག་རི་གཉན་གཟིགས།
༨༥༽ དེ་ནས་ནམ་ཟླ་དགུན་ཁར་སླེབས་ཤིང༌། གནམ་གཤིས་གྲང་ངར་ཆེ། རྒྱ་རྒྱལ་གྱི་མཁར་རྫོང་ཤིན་ཏུ་མཐོ་ཞིང་བཙན་པས་བོད་དམག་རྣམས་ནང་ལ་འཛུལ་མ་ཐུབ་པས། དམག་དཔོན་རྣམས་ལྷན་འཛོམས་ཀྱིས་གྲོས་མོལ་བྱས།
༨༦༽ ཟུ་ཙེས། རྒྱལ་མཁར་ཐོག་ལ་འཛེགས་པའི་ཐབས་ང་ལ་ཡོད། ཡིན་ནའང༌། དེའི་སྔོན་ལ་ཁྱོད་ཚོས་ས་མ་རུབ་གོང་ལ་ལུག་སྟོང་ཕྲག་ལྔ་ལྷག་གྲ་སྒྲིག་གནང་ཐུབ་དགོས་ཞེས་བཤད།
༨༧༽ མི་ཆེན་གྱིས། འོ་ན་མཁར་ནང་ལ་སླེབས་པའི་རྗེས་སུ་ཇི་ལྟར་རྒོལ་བའི་ཐབས་ང་ལ་ཡོད། ཁྱོད་ཚོས་མེ་ཤིང་དང་སྣུམ་མང་པོ་གྲ་སྒྲིག་བྱོས། ཞེས་དམག་མི་ཁག་ལ་རིམ་པར་བཀའ་བསྒོས་གནང༌།
༨༨༽ ཉིན་དེར་ས་རུབ་པ་ན། ཟུ་ཙེས་བོད་དམག་རྣམས་ལ། མི་རེས་ལུག་ཤ་རེ་འཁྱེར་ཏེ་མཁར་གྱི་རྩིག་རྒྱབ་ཏུ་འཇོག་དགོས་པའི་བཀའ་བཏང་བ་ན། བོད་དམག་རྣམས་ཀྱིས་དེ་ལྟར་བྱས་པས་ཅུང་མ་འགོར་བར་ལུག་ཤ་བརྩིགས་ཏེ་མཁར་རྩིག་དང་མཉམ་པར་གྱུར།
༨༩༽ བོད་དམག་རྣམས་ཤ་སྐས་ཐོག་འཛེགས་ཏེ་མཁར་ཐོག་ཏུ་འཛེགས་ཐུབ་པ་བྱུང་བས། རྒྱ་བློན་དཔོན་དམག་རྣམས་གྲོག་ཚང་ནང་ཆུ་བརྡོལ་བ་ལྟར་སྐྲག་ཐག་ཆོད་དེ་ཟིང་ཟིང་ལོང་ལོང་གིས་མཁར་རྩིག་དབུས་ཀྱི་རྒྱལ་པོའི་ཕོ་བྲང་ནང་དུ་བྲོས།